アットウィキロゴ
#blognavi
དེ་རིང་ནས་བཟུང་སྟེ་བོད་ཡིག་ཐོག་ཉིན་ཐོ་ཞིག་འབྲི་རྒྱུར་སེམས་ཐག་བཅད་པ།
དེ་རིང་ཉིན་གུང་གི་སློབ་ཚན་ནང་《舊雜譬喩經》ཟེར་བ་སངས་རྒྱས་ཀྱི་ཆོས་དཔེར་བསྟན་པའི་གཞུང་རྒྱ་ཡིག་ཐོག་བསྒྱུར་པ་ཞིག་སློབ་ཁྲིད་བྱས། གཞུང་དེའི་ནང་དོན་མདོར་བསྡུས་ན་འདི་ལྟ་སྟེ།

སྔོན་ཡུལ་ཞིག་ལ་རུས་སྦལ་ཞིག་ཡོད་པ། ཐེན་པ་བྱུང་བའི་དབང་གིས་མཚོ་བསྐམས་པ་དང་ཐུག་པས་རང་ཉིད་བཟའ་རྒྱུ་ཡོད་སར་འགྲོ་མི་ནུས། དེ་སྐབས་བྱ་ཆེན་པོ་མང་པོ་དེར་འདུས་ནས་ཡོད་པ་ལ་རུས་སྦལ་དེས་ཕར་ཁྲིད་པར་སྐྱབས་འཇུག་ཞུས། བྱ་ཆེན་གྱིས་རུས་སྦལ་དེ་མཆུ་ཏོས་བཟུང་ནས་འཕུར་ཏེ་གྲོན་ཁྱེར་སྒང་འགྲོ་སྐབས། རུས་སྦལ་དེས་ཁ་མ་བཙུམས་པར་མ་གི་ཅི་ཡིན་ཞེས་ཡང་ཡང་དྲིས་བྱུང་པ་ལ་བྱ་ཆེན་དེས་ལེན་རྒྱབ་པས་མཆུ་ཏོ་ཕྱེ་སྟེ་རུས་སྦལ་དེ་ས་ལ་ལྷུང་། ས་ལ་ལྷུང་པ་དེ་མི་རྣམས་ཀྱིས་བཤའ་ནས་བཟས་སོ།

གཏམ་རྒྱུད་འདི་དང་ནང་དོན་འདྲ་བ་ཞིག་ཉི་ཧོང་གི་གཏམ་རྒྱུད་རྩོམ་རིག་《གནའ་པོའི་གཏམ་ཚོགས་(今昔物語集)》ཟེར་པའི་བམ་པོ་ལྔ་པའི་ནང་བཀོད་ཡོད་པས་སློབ་ཚན་ནང་《舊雜譬喩經》ཟེར་བ་སངས་རྒྱས་ཀྱི་ཆོས་དཔེར་བསྟན་པའི་གཞུང་གི་ནང་དོན་དང་《གནའ་པོའི་གཏམ་ཚོགས་(今昔物語集)》ཟེར་པའི་བམ་པོ་ལྔ་པའི་ནང་བཀོད་ཡོད་པ་ཕན་ཚུན་སྡུར་ནས་ཞིབ་དཔྱོད་བྱ་རྒྱུར་ཁྲིད།


カテゴリ: [ཉིན་ཐོ་] - &trackback() - 2006年11月01日 09:33:26

#blognavi
最終更新:2006年11月06日 23:46