#blognavi
དེ་རིང་དགོང་མོར་དབུ་མེད་ཡིག་གཟུགས་ཐོག་བྲིས་པའི་འབྲི་མ་ཀློག་རྒྱུའི་སློབ་ཚན་ནང་འཛའ་པོའི་བུ་མོ་ཟེར་བ་ཤཱཀྱ་ཐུབ་པའི་ཚེ་སྔོན་མའི་རྣམ་ཐར་དཔེ་ཚུགས་ཐོག་བྲིས་ཡོད་པ་ཞིག་སློབ་ཁྲིད་བྱས། རྣམ་ཐར་འདི་རྒྱ་གཞུང་འདུལ་བའམ་སྐྱེས་རབས་གང་གི་ནང་བཀོད་ཡོད་མེད་ད་ཆ་མི་གསལ་པས་ས་ཉིན་ཞིབ་དཔྱོད་བྱེད་དགོས།
རྣམ་ཐར་དེའི་ནང་མི་སྣ་གཙོ་བོ་འཛའཔོའི་བུ་མོ་དེ་རང་གི་ཨ་མར་གནོད་པ་བྱས་པའི་རྣམ་སྨིན་གྱིས་མགོར་མེ་འབར་བའི་ལྕགས་ཀྱི་འཁོར་ལོ་འཁོར་བ་མྱོང་དགོས་བྱུང་ནས་སྡུག་བསྔལ་མནར་ཚེ། སྨོན་ལམ་བཟང་པོ་བཏབ་པའི་དབང་གིས་ལྷར་སྐྱེས་པར་ཟེར་པ། དེ་ལྟར་ལས་བཟང་པོ་བྱེད་མཁན་ལྷར་སྐྱེས་པར་བཤད་བས་ན་རིགས་དྲུག་ནང་མི་ལས་ལྷ་ལེགས་པར་རྩིས་ཡོད་པར་སྣང་ངོ་། འོ་ན་སངས་རྒྱས་ཀྱིས་ལྷར་སྐྱེས་ན་མི་ལས་སངས་རྒྱས་པར་སླ་བར་དགོངས་ཡོད་མེད་བརྟགས་དགོས་བསྙམས་བྱུང་།
#blognavi
最終更新:2006年11月07日 20:05