#blognavi
འཛའ་པོའི་བུ་མོ་ཟེར་པ་དེའི་རྣམ་ཐར་《སྐྱེས་རབས་དཔག་བསམ་འཁྲི་ཤིང་》ཡལ་འདབས་གོ་གཉིས་པ་ལ་སོགས་སྐྱེས་རབས་འདྲ་མིན་སྣ་ཚོགས་ནང་གསལ་ལེར་ཡོད་པ་དེ་རིང་ཤེས་བྱུང་། 《སྐྱེས་རབས་དཔག་བསམ་འཁྲི་ཤིང་》ནི་ལོ་ཤས་སྔོན་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྒན་མཁས་བཙུན་ལགས་ཀྱིས་ཡལ་འདབས་ཉེར་བཞི་པ་ཐམས་ཅད་སྒྲོལ་གྱི་རྟོགས་བརྗོད་སློབ་ཁྲིད་གནང་སྐབས་དཀར་ཆག་མཚན་བྱང་ཡང་རགས་ཙམ་བལྟས་པས་གཞུང་དེའི་ནང་རྟོགས་བརྗོད་ཅི་ཅི་ཡོད་པ་བློར་འཛིན་ཡོད་པར་བསམ་བཞིན་ཡོད་ཀྱི། ད་ལམ་དངོས་སུ་འཛའ་པོའི་བུ་མོ་ཞེས་པའི་མཚན་དང་ཐུག་ཚེ་ལམ་སང་ངོ་མི་ཤེས་པ་དེ་ནི་ངོ་ཚ་བའི་གནས་ཞིག་ཡིན་པར་སྣང་།
#blognavi
最終更新:2006年11月07日 20:22