#blognavi
ཉི་ཧོང་གཏམ་ཚོགས་བརྩམས་ཆོས་ཀྱི་གཙོ་བོར་གྱུར་པའི་《གནའ་པོའི་གཏམ་ཚོགས་(今昔物語集)》ཟེར་བ་དེའི་ནང་གསལ་རུས་སྦལ་དང་ཁྲུང་ཁྲུང་གི་གཏམ་རྒྱུད་ཀྱི་བྱུང་ཁུངས་ནི་འདུལ་བའི་གཞུང་ཁག་དང་སྐྱེས་རབས་ལ་སོགས་སངས་རྒྱས་པའི་གཞུང་ནང་བཀོད་ཡོད་པ་དེ་དག་ཡིན། ད་ལམ་རྒྱལ་སྤྱིའི་རིག་གཞུང་སྡེ་ཚན་གྱི་ལོ་རིམ་དང་པོ་པའི་སློབ་ཚན་ནང་སློབ་ཕྲུག་ཚོར་དེ་དག་གི་ནང་དོན་ཕན་ཚུན་བསྡུར་ནས་མཐུན་པ་དང་ཁྱེད་པར་ཅི་ཞིག་ཡོད་མེད་བསམ་བློ་གཏོང་དུ་བཅུག དཔྱད་གཞི་ཡིག་ཆ་ཤོག་བུའི་སྒང་ཕབ་བཤུས་བྱེད་ཏུ་བཅུག་པ་དང་། དེ་དག་ཉི་ཧོང་ཡི་གེ་རྙིང་པ་དང་རྒྱ་ཡིག་(འདུལ་བའི་གཞུང་རྣམས་རྒྱ་སྐད་ལ་བསྒྱུར་པ་དེ་གཞིར་བཟུང་ནས་སློབ་ཁྲིད་བྱས་)ཤ་སྟག་ཡིན་པས་ན། འདི་ལྟ་བུའི་སློབ་སྦྱོང་མ་འོངས་པར་རྒྱལ་སྤྱིའིརིག་གཞུང་སློབ་སྦྱོང་བྱེད་པ་ལ་ཕན་ཐོགས་ཡོད་དམ་ཅེས་ཐེ་ཚོམ་ཟ་མཁན་སློབ་ཕྲུག་མི་ཉུང་པ་ཞིག་ཡོད་པར་སྣང་། ཉི་ཧོང་སྐད་རྙིང་པ་བལྟ་རྒྱུ་དེ་རྒྱལ་སྤྱིའི་རིག་གཞུང་སློབ་སྦྱོང་ལ་ཕན་ཐོགས་མེད་ཟེར་ན་མི་འཐད་དེ། རང་གི་རིག་གཞུང་རྟིང་ཟབ་ཧ་གོ་ན་དེ་མཐོང་ཤེལ་དུ་བལྟས་ནས་གཞན་པའི་རིག་གཞུང་གསལ་པོར་ལྟ་ནུས་པས་སོ། རང་གི་རིག་གཞུང་གཡུག་བཞག་ན་གཞན་པའི་རིག་གཞུང་ག་ལ་གོ
#blognavi
最終更新:2006年11月10日 00:06