#blognavi
དབུ་མེད་སློབ་ཚན་ནང་རྭ་ལོའི་རྣམ་ཐར་ཆ་ཤས་ཤིག་སློབ་ཁྲིད་བྱས་སྐབས་ལོ་བཅུ་ཙམ་སྔོན་ཕྲན་གྱིས་བསྒྱུར་ནས་དུས་དེབ་ཞིག་ནང་སྤེལ་པ་དེ་ཟུར་དུ་ལྟ་བཞིན་ཡོད་པ་ལ་མཚམས་རེ་སྒྱུར་ནོར་ཡོད་པ་དང་ཐུག་ཚེ་ངོ་ཚ་སྐྱེས་པ་དང་ཆབས་ཅིག་སྒྱུར་ནོར་ཡོད་པར་གོ་པ་དེ་ནི་ལོ་བཅུ་ཙམ་རིང་མུ་མཐུད་སློབ་སྦྱོང་བྱས་པའི་འབྲས་བུ་ཡིན་པར་རྟོགས། འབྲས་བུ་དེ་ལྟ་བུ་ནི་སྤྱིར་ཐང་མི་ཞིག་གིས་དུས་ཚོད་ཅུང་ཟད་རིང་བརྩོན་འགྲུས་བྱས་ན་ཐོབ་ནུས་ཀྱི། འོན་ཀྱང་ཕྲན་ལྟ་བུ་ལེ་ལོ་ཅན་ལ་ཧ་ཅང་དཀའ་མོ་ཡིན་པས་སྤུ་ལོངས་གཡོ་བ་ལྟར་གྱི་ཚོར་སྣང་བྱུང་།
ཞིབ་འཇུག་གི་འབྲས་བུ་གང་ཡིན་ཡང་ལོ་ཤས་སོང་ན་མཁས་པ་གཞན་ཞིག་གིས་སྐྱོན་བརྗོད་བྱེད་སར་འགྱུར་བ་ཡང་ན་གོང་ལྟར་རང་སྐྱོན་རང་བརྗོད་བྱེད་སར་འགྱུར་སྲིད། མཁས་པ་ཀུན་གྱིས་གཙུག་རྒྱན་དུ་བསྟོད་བསྔགས་བྱེད་སའམ་མཐར་ཐུག་བདེན་པ་ཐོབ་པ་ཧ་ཅང་དཀའ་མོ་ཡིན། ནོར་འཁྲུལ་ཡོད་པ་ལ་སྐྲག་ནས་འབྲས་བུ་བཟང་པོ་ཐོབ་པ་བློས་བཏང་ནས་སློབ་སྦྱོང་ཞིབ་འཇུག་མ་བྱས་པར་བསྡད་ན་མི་རུང་། ནོར་འཁྲུལ་ནི་དོན་གསར་རྙེད་ཀྱི་ས་བོན་གནད་འགག་སྟོན་མཁན་ཞིབ་འཇུག་འཕེལ་རྒྱས་ཀྱི་རྒྱུ་ཡིན་པས་སོ།
#blognavi
最終更新:2006年11月14日 01:12