#blognavi
སྤྱིར་རྗེ་བཙུན་"མི་ལ་རས་པའི་རྣམ་ཐར་"ཟེར་སྐབས་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་《ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་》ཞེས་བྱ་བ་དེ་ལ་ཟེར། རྗེ་བཙུན་མི་ལས་གཙོ་བོ་བྱེད་པའི་མི་སྣ་སོ་སོའི་གཤིས་ཀ་བརྗོད་ཐབས་ཕུན་སུམ་ཚོགས་པ་ཡིན་པས་ཀློག་པ་པོ་རྣམས་ཡིད་སྐྱོ་ནས་རང་བཞིན་གྱིས་མིག་ཆུ་ཤོར་བ་ལ་སོགས་རྒྱུ་རྩལ་གྱི་རིན་ཐང་བླ་ན་མེད་པ་ལྡན་པ་བོད་མ་ཟད་འཛམ་གླིང་ཀུན་གྱི་རྩོམ་རིག་བརྩམས་ཆོས་ཀྱི་རྩེ་མོར་གཡོ་བ་འདྲ་བ་ཞིག་ཡིན་པར་བསམ། བདག་ལྟ་བུ་ཡོན་ཏན་སྤུ་ཙམ་ལས་མེད་མཁན་ཞིག་གི་ཁ་ནས་དེ་ལྟར་ཞུ་མི་དགོས་ལ། འོན་དེ་བོད་ཀྱི་རྩོམ་རིག་སྐོར་སྤྱིར་ཉི་ཧོང་མི་ཚོར་ཁྱབ་མེད་པ་རྩོམ་རིག་ཡོད་པར་ཤེས་མཁན་ཉུང་བའི་ད་ལྟའི་གནས་ཚུལ་དེར་གཞིགས་པ་དང་། ད་ལམ་བོད་སྐད་སྦྱང་བའི་སློབ་མའི་ནང་རྗེ་བཙུན་མི་ལའི་སྐོར་ལ་དོང་སྣང་ཡོད་མཁན་ཞིག་བྱུང་ཡོད་པ་རྐྱེན་བྱས་ནས་མི་ལའི་རྣམ་ཐར་འདི་ཉི་ཧོང་སྐད་དུ་སྒྱུར་བར་སེམས་ཐག་གཅོད། བདུན་ཕྲག་རེ་རེའི་གཟའ་པ་སངས་དགོང་མོ་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་གུས་ཕྲན་གྱི་ལས་ཤག་ནང་སློབ་ཁྲིད་བྱེད་རྒྱུ་ཡིན།
#blognavi
最終更新:2006年11月18日 22:45