#blognavi
《མི་ལའི་རྣམ་ཐར་》ལེའུ་ལྔ་བའི་ནང་མི་ལས་རང་ཉིད་ཕ་ཡུལ་དུ་ལོག་པའི་སྣང་བ་རྨི་ལམ་ནང་མཐོང་སྐབས། “ཨ་མ་དང་སྲིང་མོའི་མིང་ནས་བོས་ནས་མང་པོ་ངུས་པ་ཞིག་རྨིས་པ་ལས། གཉིད་སད་པ་དང་སྔས་མཆི་མས་བངས་འདུག”ཅེས་བཀོད་ཡོད་པ་མཐོང་ཚེ། གློ་བུར་དུ་ཀློག་པ་པོ་ང་རང་ཉིད་ཀྱི་སེམས་ནང་མི་ལའི་སེམས་སྐྱོ་ཚུལ་རྣམས་ལྷང་ངེ་བར་ཤར་པས་ན། རྩོམ་པ་པོ་གཙང་སྨྱོན་གྱི་བརྗོད་བྱེད་སྒྱུ་རྩལ་ཐབས་ཤེས་ལ་ཧ་ལས་སོང་།
#blognavi
最終更新:2006年11月28日 00:10