#blognavi
དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་པར་སྐྲུན་བྱས་པའི་བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་ཐེངས་དང་པོའི་པོད་ཉེར་བརྒྱད་པའི་ནང་ཡོད་པའི་《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒྲུང་འགྲེལ་》ཟེར་བ་ཤོག་གྲངས་སོ་དགུ་ཅན་དེ་《སྤྱོད་འཇུག་》གི་འགྲེལ་པ་ཞིག་ཡིན་ལ་བརྗོད་བྱ་འཛའ་བོའི་བུ་མོ་དང་ནོར་བཟང་མོའུ་འགལ་ལ་སོགས་ཀྱི་གཏམ་རྒྱུད་དཔེར་འདྲེན་པ་ཤ་སྟག་ཡིན་པ་《སྤྱོད་འཇུག་》གི་འགྲེལ་པ་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་དང་ལྡན་ཡོད། རྩོམ་པ་པོ་ནི་དེའི་འཇུག་བྱང་དུ་“དཔེ་ལེགས་ལ་དག་པ་འདི། དགེ་བའི་བཤེས་གཉེན་དམ་པ། ཡོན་ཏན་དབང་ཕྱུག་གིས་བསམ་པ་བཟང་བའི་བསྒོ་[sic. སྒོ་]ནས་བཞེངས་པ་ལགས།།”ཞེས་བྲིས་ཡོད་པས་ཡོན་ཏན་དབང་ཕྱུག་ཞུ་མཁན་ཡིན་པར་མངོན། འོན་ཀྱང་དམ་པ་ཁོང་གི་སྐོར་ཤེས་པ་ནི་ཧ་ལམ་མི་སྣང་ངོ་།
#blognavi
最終更新:2006年11月28日 01:08