#blognavi
མི་རིགས་འགྲེམས་སྟོན་ཁང་ཟེར་བ་གཞུང་གི་འགྲེམས་སྟོན་ཁང་ནང་པར་ཁང་གི་བདག་པོ་མཚན་ལ་ན་ཁ་ནི་ཞི་ཨ་ཁི་ལ་(中西亮)ཞུ་མཁན་ཞིག་གིས་འཛམ་གླིང་མི་རིགས་སོ་སོའི་ཡིག་གཟུགས་ཀྱི་དཔེར་བསྡུ་རུབ་བྱས་པའི་དཔེ་ཆ་དང་དེབ་མང་པོ་བཞུགས་སུ་གསོལ་ཡོད་པ་དེར་“ན་ཁ་ནི་ཞི་འབུམ་མཛོད་(中西コレクション)”ཟེར། དེའི་ནང་བོད་ཡིག་གི་དཔེ་ཆ་དབུ་མེད་ཀྱི་བྲིས་མ་གཅིག་ཡོད། དཔེ་ཆ་དེ་ཆོས་ཀྱི་རྣམ་གྲངས་ཅི་ཡིན་ཟེར་ན་《སྣང་ས་འོད་འབུམ་》གྱི་ཚན་པ་ཞིག་ཡིན། དབུ་ཤོག་ཏུ་“སྣང་ས་འོད་བདེ་འབུམ་པའི་སྐྱེས་རབ་[i.e.རབས་]ལེའུ་དང་པོ་ཤ་[i.e.ཤྭ་]ལུས་མའི་རྣམས་[i.e.རྣམ་]ཐར་”ཞེས་བཀོད་འདུག་པས་ན་འདི་ནི་སྣང་སའི་ཚེ་སྔོན་མའི་རྣམ་ཐར་ཡིན་ཏེ་ཤྭ་བ་མོའི་ལུས་བླངས་སྐབས་ཀྱི་རྣམ་ཐར་ཡིན། 《སྣང་ས་འོད་འབུམ་》ནི་བོད་ཀྱི་ཟློས་གར་ལྷ་མོའི་ནང་ཚན་གཅིག་ཡིན་པ་དང་པར་མ་བྲིས་མ་འདྲ་མིན་མང་པོ་མཆིས་ཀྱང་དེ་ལྟ་བུ་སྣང་ས་མོ་རང་གི་ཚེ་སྔོན་མའི་ལོ་རྒྱུས་བྲིས་ཡོད་པ་ནི་ད་ལམ་ངས་ལྟས་ཚད་མཐོང་མྱོང་མེད་པས་ན་ཡི་གེ་བབས་པ་ལ་སོགས་བྱས་ནས་ནང་དོན་གསལ་པོར་བྱེད་དགོས་སོ།
#blognavi
最終更新:2006年12月01日 00:14