ཁྱེད་ཀྱི་པི་ཝང་དང་ལྷན་ཅིག
ངའི་སེམས་པ་གངས་ལྗོངས་ཕྱིར་ལ་སླེབས།
དེ་ནི་ང་ཡི་འཚར་ལོང་འབྱུང་ཡུལ་ཡིན།
ངས་རྟག་པར་ཡིད་ལ་དྲན།
ང་ཐོག་མའི་དགའ་སྤྲོ་བརྩེ་དུང་ཆེད།
ནམ་མཁའི་རླུང་དབང་མེད་ཕངས་སེམས་ཤོར།
ང་རང་ཕ་ཡུལ་བྲལ་ནས་འགྲོ་དགོས་རྐྱེན།
ཁྱེད་སེམས་ནས་མི་བརྗེད་ཐབས་མེད་བྱུང་།
རྗེས་དྲན་གྱིས་དང་།
ཧ་ཅང་མཛེས་པ།
ང་ཚོ་དགའ་བ་བར་སྐོར་གནས་ཀྱི་མཛེས་ལྗོངས་ལགས།
ཡིན་ན་ད་དུང་འང་།
ཁེར་རྐྱང་སྐྱོ་གདུངས།
ནམ་ཞིག་ལ་གཙུག་ལག་ཁང་གི་གསེར་རྒྱན་མཇལ་ཐུབ་ལགས།
ང་དེ་དུས་ཁྱིམ་ནང་དང་བྲལ་སོང་།
ཁྱིམ་དང་འགལ་བའི་བུ་མོ་ཞིག་འདྲ་བར།
ཕ་ཡུལ་གྱི་གཅེས་སྐྱོང་མེད་པར་གྱུར།
གཞན་ཡུལ་ན་གང་འདོད་བརྩོན་པར་འདོད།
ང་ཡིས་འགྲོ་ལམ་འདི་འདྲ་བདམས་ཡོད།
ཁེར་རྐྱང་འདི་རང་གི་ལས་དབང་ཡིན།
ང་རང་རིམ་གྱིས་ལོ་ནར་སོན་ཚེ།
ཕ་ཡུལ་ནི་ད་དུང་སྔར་གྱི་མཐོང་སོང་།
ང་རང་ཕ་ཡུལ་འགྲོ་བསམ།
ཁྱེད་རང་མཇལ་བསམ།
ང་ཚོའི་དགའ་བ་བར་སྐོར་གནས་ཀྱི་མཛེས་ལྗོངས་ལགས།
ང་ཡི་སེམས་པ།
མགྱོགས་པར་ཡུལ་ཕེབས།
ནམ་ཞིག་ལ་གཙུག་ལག་ཁང་གི་གསེར་རྒྱན་མཇལ་ཐུབ་ལགས།
རྗེས་དྲན་གྱིས་ངང་།
ཧ་ཅང་མཛེས་པ།
ང་ཚོའི་དགའ་བ་བར་སྐོར་གནས་ཀྱི་མཛེས་ལྗོངས་ལགས།
ཡིན་ན་ད་དུང་འང་།
ཁེར་རྐྱང་སྐྱོ་གདུངས།
ནམ་ཞིག་ལ་གཙུག་ལག་ཁང་གི་གསེར་རྒྱན་མཇལ་ཐུབ་ལགས།
ང་རང་ཕ་ཡུལ་འགྲོ་བསམ།
ཁྱེད་རང་མཇལ་བསམ།
ང་ཚོའི་དགའ་བ་བར་སྐོར་གནས་ཀྱི་མཛེས་ལྗོངས་ལགས།
ང་ཡི་སེམས་པ།
མགྱོགས་པར་ཡུལ་ཕེབས།
སླར་ཡང་ལ་གཙུག་ལག་ཁང་གི་གསེར་རྒྱན་མཇལ་ཐུབ་ལགས།
ང་རང་ཕ་ཡུལ་འགྲོ་བསམ།
ཁྱེད་རང་མཇལ་བསམ།
ང་ཚོའི་དགའ་བ་བར་སྐོར་གནས་ཀྱི་མཛེས་ལྗོངས་ལགས།
ང་ཡི་སེམས་པ།
མགྱོགས་པར་ཡུལ་ཕེབས།
སླར་ཡང་ལ་གཙུག་ལག་ཁང་གི་གསེར་རྒྱན་མཇལ་ཐུབ་ལགས།