ཁ་བཏགས་དཀར་པོ།/白いカター
འབུལ་ཡ། འབུལ་ཡ། ཁ་བཏགས་དཀར་པོ་འབུལ།
ང་ཡིས་ཁྱེད་ལ་ཁ་བཏགས་དཀར་པོ་འབུལ།
དགའ་བའི་གསུང་དང་སྙང་ཞིང་འཇེབས་པའི་གླུ།
མཛའ་བའི་སེམས་དང་སྐྱིད་པའི་འཛུམ་མདངས་དང་།
བཀྲ་ལ་ཤིས་པའི་བདེ་སྐྱིད་ངོ་མཚར་ཀུན།
དག་གཙང་ལྷ་རྫས་ཁ་བཏགས་འདི་ལ་འཛོམས།
འབུལ་ཡ། འབུལ་ཡ། ཁ་བཏགས་དཀར་པོ་འབུལ།
ང་ཡིས་ཁྱེད་ལ་ཁ་བཏགས་དཀར་པོ་འབུལ།
འབུལ་ཡ། འབུལ་ཡ། ཁ་བཏགས་དཀར་པོ་འབུལ།
ང་ཡིས་ཁྱེད་ལ་ཁ་བཏགས་དཀར་པོ་འབུལ།
དགའ་བའི་གསུང་དང་སྙང་ཞིང་འཇེབས་པའི་གླུ།
མཛའ་བའི་སེམས་དང་སྐྱིད་པའི་འཛུམ་མདངས་དང་།
བཀྲ་ལ་ཤིས་པའི་བདེ་སྐྱིད་ངོ་མཚར་ཀུན།
དག་གཙང་ལྷ་རྫས་ཁ་བཏགས་འདི་ལ་འཛོམས།
བཞེས་རོགས། བཞེས་རོགས།
འདིར་བཞུགས་མགྲོན་པོ་ལགས།
ཁ་བཏགས་དཀར་པོས་ང་ཡི་ཡིད་སེམས་མཚོན།
འབུལ་ཡ། འབུལ་ཡ། ཁ་བཏགས་དཀར་པོ་འབུལ།
ང་ཡིས་ཁྱེད་ལ་ཁ་བཏགས་དཀར་པོ་འབུལ།
ཁ་བཏགས་དཀར་པོ་ལྟ་བུའི་སེམས་པ་འདི།
གྲོགས་མཆོག་ཁྱེད་ལ་ཡོད་དང་ང་ལ་ཡོད།
མ་བཅོས་སེམས་པ་ཁ་བཏགས་འདི་ལ་འཛོམ།
དག་གཙང་ལྷ་རྫས་ཁ་བཏགས་འདི་ལ་འཛོམས།
འབུལ་ཡ། འབུལ་ཡ། ཁ་བཏགས་དཀར་པོ་འབུལ།
ང་ཡིས་ཁྱེད་ལ་ཁ་བཏགས་དཀར་པོ་འབུལ།
最終更新:2008年08月01日 01:14