アットウィキロゴ

སེམས་ཀྱི་ལོག་ཕེབས།/心の帰還


གངས་དཀར་ལྷུན་པོ་ལྷ་ཡི་ལྕགས་རི་ཡིན།

གཙང་ཆབ་སྔོན་མོ་ཉི་ཟླའི་འཕྱང་འཕྲུལ་ཡིན།

རྩྭ་ཐང་ཡངས་པོ་སྐར་མའི་མལ་སྟན་ཡིན།

ནམ་མཁའི་མཐོངས་སུ་ཆགས་པའི་གནས་མཆོག་འདི།

འཛམ་གླིང་ཡང་རྩེ་གངས་ལྗོངས་ཕྱུག་མོ་སྟེ།

ངེད་གངས་ཅན་བོད་པའི་ཕ་ས་ཡིན།

ཨོ། མ་ཡུམ་ལགས། གངས་ལྗོངས།

ཁྱེད་ཀྱི་རུམ་ཁོང་དྲོན་མོ་བསྙེག་ནས་འོང་།

དེ་རིང་ཁྱེད་ཀྱི་པང་ནས་གླུ་ཞིག་ལེན།

ཨོ། མ་ཡུམ་ལགས། གངས་ལྗོངས།

འདི་ནི་ཁྱེད་ཀྱིས་བསླབས་པའི་ཤིས་གླུ་ཡིན།

འདི་ནི་ཕ་ཡུལ་འགྲིམ་པའི་ལེགས་སྐྱེས་ཡིན།

འགྲོ་དྲུག་སེམས་ཅན་རང་གི་ཕ་མ་ཡིན།

འཚེ་མེད་ཞི་བདེ་སེམས་ཀྱི་ལོངས་སྤྱོད་ཡིན།

དཔའ་མཛངས་རྟུལ་ཕོད་སྙིང་གི་རུས་པ་ཡིན།

གངས་རིའི་ལྗོངས་སུ་གནས་བའི་མི་རིགས་འདི།

མཐོ་སྒང་འདི་ཡི་གཞི་འཛིན་དང་པོ་སྟེ། ངེད་གངས་ཅན་གདོང་དམར་བོད་པ་ཡིན།

ཨོ། སྤུན་ཟླ་ལགས། བོད་པ།

ཁྱེད་ཀྱི་མཛའ་བརྩེ་ཟབ་མོ་དྲན་ནས་འོང་།

དེ་རིང་ཁྱེད་ཀྱི་མདུན་ནས་བྲོ་ཞིག་འཁྲབ།

ཨོ། སྤུན་ཟླ་ལགས། བོད་པ།

འདི་ནི་ཁྱེད་ཀྱིས་བསླབས་པའི་སྐོར་བྲོ་ཡིན།

འདི་ནི་སྤུན་ཟླར་མཇལ་བའི་ལེགས་སྐྱེས་ཡིན།

-
最終更新:2008年08月30日 00:44