#blognavi
རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པཻ་རྣམ་ཐར་གྱི་མཇུག་བྱང་ལ་འདི་ལྟ་སྟེ།
དེ་ལྟར་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་ངོ་བོ་ཁམས་གསུམ་འགྲོ་བའི་བླ་མ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་གསུམ་ལྡན་མཚན་བརྗོད་པར་དཀའ་བ་མཁན་ཆེན་ཡོངས་རྫོགས་བསྟན་པའི་མངའ་བདག་གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ནི། གང་གི་སྐུ་གདུང་ཡིད་བཞིན་ནོར་བུ་སྙིང་པོར་བཞུགས་པའི་ཟ་མ་ཏོག་གསེར་སྡོང་དགེ་ལེགས་འདོད་་འཇོ་གསར་གཞེངས་ཀྱི་སྲི་ཞུ་ཕལ་ཆེ་བ་ཡོངས་སུ་གྲུབ་པ་ན། གངས་ལྗོངས་བསྟན་འགྲོའི་ཕན་བདེའི་སྲོག་ཤིང་སྲིད་སྐྱོང་རྭ་སྒྲེང་ཧོ་ཐོག་ཐུ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དང་། སྲིད་འཛིན་ནང་བློན་ཆེན་པོ་ཡབ་གཞིས་གླང་མདུན་པ་ཀུན་དགའ་དབང་ཕྱུག་རྣམ་གཉིས་ནས། སྲིད་ཞི་ཡོངས་ཀྱི་གཙུག་རྒྱན་རྗེ་བླ་མ་བཀའ་དྲིན་ཟླ་མེད་དེ་ཉིད་ཀྱིས་ཐུན་མོང་གདུལ་བྱའི་སྣང་ངོ་དང་འཚམས་པར་བསྟན་པའི་རྣམ་ཐར་ཞིག་རང་གཞན་དད་པའི་གསོས་སུ་གསར་སྒྲིགས་དགོས་པ་གདུང་སྒྲུབ་ཞབས་ཞུ་བ་རྣམས་ནས་མོལ་བསྡུར་གྱིས་ཕྱོགས་སྒྲིགས་གྱིས་ཞེས་རྣམ་ཐར་གྱི་ཐོག་མར་དགོད་རྒྱུའི་མཆོད་བརྗོད་བཀའ་རྩོམ་ཚིག་སྦྱོར་རྨད་དུ་བྱུང་བ་ཞིག་གསོལ་རས་དང་འབྲེལ་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་པོར་ཕེབས་པ་ན། མཁས་གྲུབ་གཉིས་འ༷ཛོམ་གྱི་བདག་ཉིད་སྐྱེས་ཆེན་གཞན་རྣམས་ནས་ཚུལ་འདི་སྤེལ་བའི་འཕྲིན་ལས་ཀྱི་ཐུགས་ཁུར་མི་བཟོད་པ་ཅི་ལ་སྲིད་ཀྱང་། མཁྱེན་རྟོགས་དམན་པའི་རྫུ་བག་ལ་ཉེ་བར་བརྟེན་པས་ཁེངས་བསྐྱང་གི་ཟོལ་བཅས་དགོངས་སྙན་གནང་བས་ན། ཁོ་བོ་ལྟ་བུ་སྐྱེས་སྦྱངས་ཡོན་ཏན་་གྱིས་དབུལ་ཞིང་། ལུགས་གཉིས་ཀྱི་མཛད་སྲོལ་མི་རྟོགས་པ།་སྙོམ་ལས་ཀྱིས་དུས་འདའ་བཞིན་ནས་རྩོམ་པའི་ཁུར་འཁྱེར་བར་རློམ་པ་ནི། ཇི་སྐད་དུ།
#blognavi
最終更新:2006年11月06日 23:48